King of Bhutan

མི་དབང་མངའ་བདག་རྒྱལ་པོའི་བཀའ་ཤོག།

Royal Kasho
Royal Kasho

࿐ ད་ལན། དེ་ནི་ དུས་རབས་ཉི་ཤུ་པ་གསར་དུ་ཚེས་པའི་ནམ་དུས་ལུ་ མིང་དབང་གོང་ས་ཨོ་རྒྱན་དབང་ཕྱུག་མཆོག་གིས་ དེང་སང་གི་ཤེས་ཡོན་ལམ་ལུགས་ཀིས་ མ་འོངས་འབྲུག་ལུ་ཕན་རླབས་ཆེ་ནི་ཨིནམ་གཟིགས་པ་ལས་ དེ་སྐབས་ཀི་གདོང་ལེན་ལི་དྲག་ཡོད་རུང་ རྒཡལ་ཁབ་ནང་སོབ་གྲྭ་འགོ་ཐོག་བཙུགས་གནངམ་མ་ཚད་འབྲུག་པའི་ན་གཞོན་ཚུ་ཤེས་ཡོན་ལྷབ་པར་རགར་ལུ་ཡང་གཏང་གནང་ནུག། ནང་པའི་ཤེས་ཡོན་དར་ཁྱབ་ཀི་དགོངས་བཞེད་གནང་སེ་ དགེ་སོང་དག་པ་ཅིག་བོད་ལུང་མཁས་པ་སྦྱན་གསན་གི་དོན་ལུ་ཡང་བཏང་གནང་ནུག། མི་དབང་འཇིགས་མེད་དབང་ཕྱུག་མཆོག་གིས་ཡང་ ཡབ་རེ་དམ་པའི་རེས་སུ་བཟུང་སེ་ དེང་སང་གི་ཤེས་ཡོན་གོང་འཕེལ་ལྷག་པར་མཛད་གནང་ནུག། ཨིན་རུང་ མི་དམངས་ཤེས་ཡོན་འདི་ ཞིང་གཤེགས་དམ་པ་མི་དབང་འཇིགས་མེད་རོ་རེ་དབང་ཕྱུག་མཆོག་གིས་ སི་ལོ་ ༡༩༥༥ གི་ཤུལ་མ་འགོ་བཙུགས་གནང་སེ་ ༡༩༥༩ ལུ་སོབ་གྲྭ་ཆུང་བ་ ༡༡ ནང་སོབ་ཕྲུག་ ༤༠༠ ལྷག་ཙམ་ཡོད་མི་དེ་ སི་ལོ་ ༡༩༧༡ སྐོར་ཆ་ སོབ་གྲྭ་ ༡༠༢ དང་ སོབ་ཕྲུག་ ༩,༠༠༠ ལྷག་ཙམ་ལུ་ཡར་སེང་མཚད་གནང་ནུག། མི་དབང་འབྲུག་རྒྱལ་བཞི་པ་དཔལ་འཇིགས་མེད་སེང་གེ་དབང་ཕྱུག་མཆོག་གིས་ ཤེས་རིག་གོང་འཕེལ་གི་སིད་བྱུས་དེ་ ཐུགས་ཀི་དཀིལ་ལུ་བསྣམས་ཏེ་ཕྱག་ལཱ་གནང་པའི་བཀའ་དྲིན་ལས་བརེན་ད་རེས་ རྒྱལ་ཁབ་ནང་སོབ་གྲྭ་ ༧༠༤ དང་ མཐོ་རིམ་ཤེས་ཡོན་གཙུག་སེ་ ༢༤ དེ་ལས་ སོབ་ཕྲུག་ ༡,༨༥.༧༥༧ དང་ སོབ་དཔོན་ ༡༡,༠༠༠ ལྷག་ཙམ་ཡོདཔ་ཨིན། དེང་སང་གི་ཤེས་རིག་དང་འབི་ལྷག་དར་ཁྱབ་འགོཝ་ལས་བརེན་མི་སདེ་དཔལ་འབོར་གོང་འཕེལ་ལས་རིམ་ལུ་ཁག་ཆེ་བའི་བདག་སོང་དང་འཕྲུག་རིག་གི་མི་སོབས་མ་ཚད་ ཕྱིའི་ཁྱད་རིག་ལུ་རེ་དགོཔ་མར་ཕབ་གཏང་ནིའི་དམིགས་ཡུལ་དེ་ཡང་བསྒྲུབ་ཚུགས་ནུག ནང་པའི་ཤེས་ཡོན་འབད་རུང་དེང་སང་གི་ཤེས་ཡོན་འབད་རུང་ ང་བཅས་རའི་རྒྱལ་ཁབ་ནང་ཡར་རྒྱས་གོང་འཕེལ་ལེགས་ཞིམ་འགོཝ་ལས་ དེ་རིས་ སིར་བཏང་གི་འབི་ལྷག་གནས་ཚད་དེ་ཡང་ བརྒྱ་ཆ་ ༧༡༤ དང་ ན་གཞོན་འབི་ལྷག་དེ་ བརྒྱ་ཆ་ ༩༣ དེ་ཅིག་གུར་ལྷོད་ཡོདཔ་ལས་གཞན་ཕྱིའི་ཁྱད་རིག་མི་སོབས་ལུ་རེ་མ་དགོཔ་པར་རང་བཞག་ གོང་འཕེལ་ལས་སྣ་དང་འབེལ་བའི་མི་སོབས་དགོས་མཁོ་ལེ་ཤ་ཡོད་མི་ཚུ་ཡང་བསྒྲུབ་ཚུགས་ཅི། དཱ་ ལོ་ངོ་ ༡༠༠ ལྷག་ཙམ་གི་ཤུལ་ལས་ ད་རུང་ དུས་རབས་སོ་སོ་ཅིག་གསར་ཚེས་ཀི་ནམ་དུས་ལུ་ མ་འོངས་པའི་གདོང་ལེན་འབད་ནིའི་དོན་ལུ་ མངོན་པར་གཟིགས་པའི་ ཤེས་རིག་ལམ་ལུགས་དང་སིད་བྱུས་ཀི་དགོས་མཁོ་ཅིག་ངེས་པར་དུ་བྱུང་སེ་ཡོད། ཧེ་མ་གི་དུས་རབས་དང་ཕྱདཔ་ད་ ད་རིས་ཀི་དུས་རབས་འདི་ ཁྱད་པར་མ་འདྲཝ་ལེ་ཤ་ཡོདཔ་ལས་ འཕྲུལ་རིག་གོང་འཕེལ་དང་འཛམ་གིང་གཅིག་འགྱུར་ལས་བརེན་ ང་བཅས་ཀི་འཚོ་བའི་གནས་སངས་ཡང་གྱུར་བ་སོམ་དང་མགོགས་དྲག་འབད་ཡར་སོངཔ་ལས་ ད་ལས་ཕར་ གཡུས་སོ་དང་ཁོམ་སེ་ཟེར་མེད་ ཁྱིམ་ནང་དང་ལཱ་འབད་ས་ཟེར་མེད་པར་ འཕྲུལ་རིག་གོག་རིག་གི་ཁྱབ་ཚད་དེ་ ཤུགས་འབད་ར་འགོ་ནི་ཨིནམ་པས། དམངས་གཙོའི་རིང་ལུགས་དེ་འགོ་བཙུགས་གནང་པའི་ཉི་མ་ལས་ ད་ཚུན་ ང་བཅས་རའི་དམིགས་གཏད་གཙོ་བོ་གཅིག་དམངས་གཙོའི་གཙུག་སེ་དང་ ལམ་ལུགས་ཡར་དྲགས་གནང་ནི་ལུ་ བརོན་ཤུགས་བསེད་དགོཔ་བྱུང་ཡི། རྒྱལ་ཡོངས་ཀི་ཕྱག་ལཱ་གཙོ་རིམ་ཅན་ཅིག་ཨིན་རུང་ ད་རིས་འབདཝ་ད་ ཤེས་རིག་བཟུམ་གི་ གཞན་གཙོ་རིམ་ཅན་གི་ལས་སྣ་ཚུ་ལུ་ཡང་དམིགས་གཏད་བསེད་རན་མཆིའི། མ་གཞི་ ཤེས་རིག་ལྷན་ཁག་གིས་ ཤེས་རིག་བསར་གསོ་འབད་ནིའི་ཕྱག་ལཱ་མ་མཛདཔ་མེན་ མཛད་འཕོ་ཡོད་མི་ལུ་ སྔར་ལས་ལྷག་པའི་ལྷག་བསམ་རྣམ་དག་འབད་བསེད་དེ་ ང་བཅས་རའི་སོབ་གྲྭ་དང་ཤེས་རིག་སེལ་ཁང་གི་སིག་བཀོད་རང་ མི་སེའི་འགྱུར་བ་དང་གནས་སངས་གསརཔ་གི་དགོས་མཁོ་དང་འཁིལ་ཏེ་ སར་མཐུན་བསིག་འབད་དགོ་པའི་དུས་ལུ་ལྷོད་ཅི། དེའབདཝ་ལས་ ཤེས་ཡོན་ར་གཞུང་ སོབ་སོན་ཐབས་ཤེས་ འཆད་ཉན་ལམ་ལུགས་དང་ ཆོས་རྒྱུགས་དབེ་ཞིབ་འབད་ཐངས་ཚུ་ བསར་ཞིབ་མཐིལ་ཕྱིན་འབད་དགོཔ་འདུག། འདི་མེན་པར་ སོབ་དེབ་དང་དེ་ནང་གི་དོན་ཚན་རྐྱངམ་ཅིག་ལུ་ གཙོ་བོར་བཏོན་ཏེ་ འཕྲུལ་རིག་བསར་སོད་དང་ མི་སེའི་ཁྱད་རིག་ཚུ་སོབ་སོན་ནང་ མཉམ་འདུས་མ་འབད་བ་ཅིན་ སྔར་བཞིན་སོར་སྦྱང་གཅིག་ལུ་ཐུག་པའི་བསང་ལས་ ན་གཞོན་ཚུ་ ད་རིས་ལྷབ་པའི་ཡོན་ཏན་གིས་མཐོ་རིམ་སོབ་གྲྭ་མཐར་འཁྱོལ་བའི་ཚེ་ ནུས་མེད་དོན་སོང་འགོ་ནིའི་ཉེན་ཁག་སོམ་འབད་ཡོདཔ་མ་ཚད་ ང་བཅས་རའི་ན་གཞོན་ཚུ་ ཡར་རྒྱས་དང་འགྱུར་བ་ཤུགས་འབད་འགོ་བའི་མི་སེ་ནང་ གཞན་དང་དོ་འགྲན་འབད་མ་ཚུགས་པའི་བསང་ལས་ རྒུད་ཤོས་རང་ང་བཅས་རའི་རྒྱལ་ཁབ་འདི་འོང་། དེ་འབདཝ་ལས་བརེན་ ཤེས་རིག་ལམ་ལུགས་དང་ ར་གཞུང་ལེགས་བཅོས་ སོབ་ཁང་གཞི་རེན་དང་ས་ཁོངས་བརག་ཞིབ་འབད་ཐངས་ཚུ་ ར་བ་ཉིད་ལས་ བསར་གསོ་དང་ཞིབ་བལྟ་འབད་ནིའི་ འགན་ཁུར་ར་ཅན་འདི་ ད་རིས་ང་བཅས་ངོ་བོའི་སྐབས་ལུ་ཕོག་སེ་ཡོད། ཤེས་རིག་མཁས་མཆོག་ཚུ་གིས་ རྒྱལ་ཁབ་ག་ཏེ་གི་ན་གཞོན་ཨིན་རུང་ དུས་རབས་ ༢༡ པ་ལུ་ཉེ་བར་མཁོ་བའི་ འཇོན་ཐངས་དང་ནུས་པ་ཚུ་ ངོས་འཛིན་འབད་ཡོད་མི་དེ་ཡང་ གནད་འགག་ཞིབ་དཔྱད་ གསར་རལ་སེམས་བསེད་དང་ ཤེས་ཡོན་སྦྱང་བརོན་འབད་ཐངས་དེ་ཚུ་ཨིནམ་པས། དེ་ཚུ་ཡར་དྲགས་གཏང་ཞིམ་ལས་ ཁོང་རའི་མི་ཚེ་ནང་ འཕྲུག་རིག་ལག་རལ་དང་བར་བརྒྱུད་ཤེས་ཚད་ཚུ་ལག་ལེན་འཐབ་སེ། ན་གཞོན་ཚུ་ ཤེས་འདོད་ཅན་བཟོ་དགོ་པའི་ཁར་ དཀའ་ངལ་སེལ་ཐབས་ ཕན་ཚུན་སི་རུབ་ མཉམ་འབེལ་འབད་ཐངས་ཀི་ཁྱད་ཚད་ཚུ་ ཚངམ་འབད་སོན་དགོཔ་ཨིན། ཡོན་ཏན་སོན་མི་རྐྱངམ་ཅིག་ལྷབ་ནི་མེན་པར་ ཡོན་ཏན་གསར་བརམ་འབད་ནི་དང་ རང་གིས་ཞིབ་འཚོལ་དང་ཤེས་རོགས་འབད་ཐངས་ཚུ་ སོན་བིན་ནི་དེ་ཡང་ གཙོ་རིམ་སིག་དགོ་པའི་ཁར་མཚན་རིག་ འཕྲུལ་རིག་ བཟོ་རིག་དང་རིས་རིག་གི་ཆོས་ཚན་ཚུ་ལུ་ འཚོར་སྣང་བསེད་ནི་མེན་པར་ དུས་རྒྱུན་ལག་ལེན་འཐབ་པའི་ཁ་སྐད་བཟུམ་སོ་བ་བསེད་བཅུག་གོ། ང་བཅས་རའི་ན་གཞོན་ཚུ་ མ་འོངས་པའི་དོན་ལུ་གྲ་སིག་འབདཝ་ད་ ད་ལྟོ་ཡོད་པའི་འཕྲུལ་རིག་དང་ རྒྱལ་སིའི་ལམ་ལུགས་དྲག་ཤོས་ཚུ་ ང་བཅས་རའི་དགོས་མཁོ་ དེ་ལས་ གནས་སངས་དང་འཁིལ་ཏེ་སབ་སོན་འབད་ཐངས་ཚུ་ལེགས་བཅོས་འབད་དགོཔ་འདི་ཧ་ཅང་གིས་གལ་ཆེ། ན་གཞོན་ཚུ་མང་ཤོས་རང་ དེང་སང་འཕྲུག་རིག་ག་ལག་རལ་ཤེས་རུང་ སོབ་ཁང་དང་སོབ་སོན་འབད་ཐངས་ནང་ འཕྲུག་རིག་མཉམ་འདུས་མ་འབད་བའི་གནས་སངས་འདུག། སོབ་དཔོན་ཆ་ཁྱབ་ཀིས་ ཁྱད་རིག་གོང་འཕེལ་ཆོས་ཚན་ནང་ འཕྲུག་རིག་དང་འབེལ་བའི་ བོ་རིག་དང་གོག་ཆས་ལག་ལེན་མ་འཐབ་པ་ཅིན་ སོབ་དཔོན་དང་སོབ་ཕྲུག་གི་བར་ན་ ཁྱད་པར་སོམ་འཐོན་སིད་ནིའི་ཉེན་ཁག་འདུག། དེ་འབདཝ་ལས་ ཤེས་རིག་གི་ལམ་ལུགས་དང་སིག་བཀོད་འདི་ བསར་གསོ་བལྟ་ཞིབ་འབདཝ་ད་ གནས་ཚད་དང་སྤུས་ཚད་འདི་ དྲག་པའི་ནང་ལས་དྲག་ཤོས་ལུ་དམིགས་གཏད་བསེད་དགོ། ཧེ་མ་དང་ཕྱདཔ་ད་ ད་རིས་ལེ་ཤ་གིས་དྲག་ཟེར་བའི་དཔའ་ཉམས་བསེད་དེ་སོད་ནི་དང་ ཁྱིམ་ཚང་རྒྱལ་ཁབ་ཚུ་དང་དོ་འགྲན་འབད་ཚུགས་པའི་གནས་ཚད་ཡོད་ཟེར་ བསམ་པ་རོགས་ཏེ་སོད་པ་གིས་མ་པ་ལས་རང་མི་བཏུབ། སྔར་ལས་ལྷགཔ་གིས་མ་ཚད་ ཁྱིམ་ཚང་རྒྱལ་ཁབ་ཚུ་ལས་ལྷག་སེ་ གོམས་པ་མདུན་དུ་སོ་དགོ་པའི་ཁར་ ང་བཅས་འདི་གཞན་གིས་ དཔྱེ་བལྟ་བཏུབ་པའི་གནས་ཚད་ཁར་སེལ་ནིའི་དམིགས་གཏད་བསེད་དགོ། འདི་བཟུམ་གི་རྒྱ་ཆེ་བ་དང་དཔང་མཐོ་བའི་ རེ་འདོད་བསེད་ནིའི་སེམས་ཤུགས་ལུ་ ནོར་བ་དང་འཛོལ་བ་ཡོདཔ་མེད་པར་ ང་བཅས་དཔལ་ལྡན་འབྲུགཔའི་རྒྱལ་ཁབ་ཀི་ རང་དབང་སོག་ཤིང་གཅིགཔོ་འདི་ མ་འོངས་ན་གཞོན་ཚུ་གི་གཟུགས་ཁམས་ སེམས་ཁམས་དང་སིང་ཁམས་ བོ་རིག་ བསམ་པ་སེམས་བསེད་དང་ སང་བང་ཤེས་བའི་ཡོན་ཏན་ལུ་རག་ལས་ཟེར་བའི་ ངེས་ཤེས་དང་ཡིད་ཆེས་ཡོདཔ་ལས་བརེན་ཏེ་ཨིན། ན་གཞོན་དེ་ཚུ་ དུས་རབས་ ༢༡ པའི་འཇོན་ཐངས་དང་ནུས་པ་ཡོད་པའི་ ཤེས་ཡོན་བིན་ནིའི་གྲ་སིག་འབདཝ་ད་གཅིག་ཁར་ ཁོང་ཆ་ཁྱབ་ ཀུན་སོད་རྣམ་གཞག་ཡང་དྲགས་གཏང་སེ་ རྒྱལ་ཁབ་ལུ་གཅེས་ཞེན་ཡོདཔ་མ་ཚད་གཞན་གིས་འབད་རུང་ བོ་གཏད་ཚུགསཔ་ད་ ངོམ་དུ་རུང་བའི་མི་ཁུངས་གཅིག་ལུ་བཟོ་དགོ། རྒྱལ་ཁབ་ཀི་རྒྱལ་རབས་དང་སོལ་རྒྱུན་ དེ་ལས་ ཐ་དམ་ཚིག་དང་ལས་རྒྱུ་འབས་ཀི་བརི་མཐོང་ཚུ་ ཧ་གོ་སེ་ དཔའ་ཉམས་ལྡན་པའི་མང་ཁུངས་ཅིག་ཨིན་ཟེར་བའི་ཡིད་ཆེས་བསེད་ཚུགསཔ་བཟོ་དགོ། དེ་བཟུམ་མའི་ཁྱད་ཚད་ཚུ་ ནམ་རང་འབད་རུང་ ཁོང་གི་སོད་ལམ་ ལྟ་བ་དང་བསམ་བོ་གཏང་ཐངས་ལུ་བལྟ་སེ་རང་ ཧ་གོ་དགོཔ་དེ་ཡང་ དེ་ཚུ་ལས་བརེན་ཏེ་ ང་བཅས་རའི་རྒྱལ་ཡོངས་མི་སེ་ལུ་ རྐྱེན་བར་ཆད་ག་ཅི་བཟུམ་འབྱུང་རུང་ བོ་སོབས་སིང་རུས་ཤུགས་ཀིས་ ཚེ་སོག་སྲུང་ཚུགས་པའི་ མཐུན་མོང་མ་ཡིན་པའི་འབྲུག་མི་ཅིག་ཨིནམ་ལས་བརེན་ཏེ་ཨིན། ང་བཅས་རའི་ཤེས་རིག་ལམ་ལུགས་གསར་བཏོད་མཛདཔ་ད་ འདི་ལས་བརྒྱུད་དེ་ན་གཞོན་ཚུ་རྒྱལ་ཁབ་ཀི་མི་སེར་ཁུངས་ལྡན་ཅིག་ལུ་བཟོ་དགོཔ་མ་ཚད་རྒྱལ་སིའི་མི་སེའི་ཁག་འགན་འབག་ཐེགཔ་དང་བསམ་བོ་གཏང་ཤེསཔ་བཟོ་དགོཔ་ད་ འདི་གིས་ ང་བཅས་རའི་དམངས་གཙོའི་སྤུས་ཚད་དང་རང་དབང་སྲུང་སོབ་ལུ་ཡང་ཕན་རླབས་ཆེ། ན་གཞོན་རེ་རེའི་རྒྱུད་ལུ་ འབྲུག་པ་ལུ་རང་བཞིན་གིས་ཡོདཔའི་རིག་རལ་དང་སིངས་སོབས་དེ་ ལྷབ་པའི་ཡོན་ཏན་དང་ལག་རལ་གཅིག་ཁར་ ཁྱད་ཉམས་ ཆ་སོམས་པ་ཅིན་རང་རྐྱང་འབད་དེ་ཕར་བཞག་རྒྱལ་ཁབ་ཀི་མི་ཁུངས་འབད་དེ་ཡང་ ཡུན་དུ་གནས་ཚུགས་ནི་ལུ་ཐེ་ཚོམ་མེད། ཨིན་རུང་ ན་གཞོན་ཆ་ཁྱབ་ཀི་མི་ཚེ་འདི་ དོན་སིན་ཅན་དང་ཡུན་བརན་འབད་སོང་དགོ་པ་ཅིན་ ཤེས་རིག་གི་སིད་བྱུས་བསར་གསོ་དང་ལེགས་འགྱུར་འབད་དེ་ དུས་རབས་ ༢༡ པའི་འཇོན་ཐངས་དང་ནུས་རལ་ཚུ་སབ་སོན་འབད་ཚུགསཔ་རྐྱངམ་ཅིག་གིས་མི་བཏུབ། ཁོང་གིས་ཐོབ་ཚུགས་པའི་ཁུངས་ལྡན་གི་ལཱ་གཡོག་དང་ ལོངས་སོད་ཚུགས་པའི་དཔལ་འབོར་གི་གོ་སྐབས་ཚུ་ དུས་མཉམ་དང་སབས་ཅིག་ཁར་རང་ བཟོ་ནིའི་བརོན་ཤུགས་བསེད་དགོ། ང་བཅས་ཀིས་མ་འོངས་པ་ལུ་ ཤེས་རིག་ཡར་འཕེལ་མཐིལ་ཕྱིན་པའི་དགོངས་པ་དང་ བོ་རིག་དང་འཕྲུལ་རིག་ལུ་བརེན་པའི་དཔལ་འབོར་སྒྲུབ་ཚུགས་པའི་དགོངས་པ་གཉིསཔོ་འདི་ མཐུན་སིག་འབད་ཚུགས་པ་ཅིན་ དེ་ལསནི་ ན་གཞོན་ཚུ་གི་མི་ཚེ་འདི་སྔར་བ་ལྷག་སེ་ཡར་དྲགས་འབད་སོང་ནི་གི་ འོས་འཚམས་ལྡན་པའི་རེ་འདོད་ཚུ་སྒྲུབ་ཚུགས། དེ་སེ་འབད་མ་ཚུགས་པ་ཅིན་ ང་བཅས་རའི་ཤེས་རིག་ལམ་ལུགས་ལས་བརེན་ ད་རིས་ཀི་གནས་སངས་དང་ལོགས་ར་འཐདཔ་འབད་མ་འོངས་པ་ལུ་ཡང་ ན་གཞོན་ལཱ་གཡོག་མེད་མི་ སོང་ཕགའབད་ འཐོན་ནིའི་ཉེན་ཁག་སོམ་ཡོད། དེ་བཟུམ་གི་གནས་སངས་ལུ་ཐུག་པ་ཅིན་ ང་བཅས་ར་ ར་འགེངས་ བརོན་ཤུགས་བསེད་དེ་འབད་མི་གི་ཕྱག་ལཱ་ཚུ་ ཆུ་ཟད་དང་དོན་སོང་ཐལ་ཏེ་ མི་སེར་གི་རེ་ཆེ་དང་རོ་དོན་ཚུ་ཡང་སྒྲུབ་མི་ཚུགས། དེ་འབདཝ་ལས་བརེན་ ང་རའི་ཐུགས་སོན་དང་རེ་འདོད་དེ་ཡང་ ང་བཅས་རའི་ན་གཞོན་ཆ་ཁྱབ་ཀིས་ འགྲན་ཟླ་འབལ་བའི་སྤུས་ཚད་ཅན་གི་ཤེས་ཡོན་སྦྱང་བརོན་འབད་ནི་གི་ གོ་སྐབས་ཐོབ་ཚུགས་པའི་གུ་ལུ་ དེའི་ཤུལ་ལས་འཕོ་མཐུད་དེ་ར་ དོན་སིན་ཅན་གི་ལཱ་གཡོག་དང་དཔལ་འབོར་གི་གོ་སྐབས་བཟང་པོ་ཚུ་ཐོབ་སེ་ ཁོ་རང་དང་བཟའ་ཚང་ཚུ་གི་ བསམ་པའི་དོན་གྲུབ་ཚུགས་ནི་འདི་ཨིན། གོང་འཁོད་གནད་དོན་གལ་ཅན་ཚུ་ལུ་གཞི་བཞག་སེ་ ད་རིས་ སྤུངས་ཐངས་བདེ་བ་ཆེན་པོའི་ཕོ་བང་ནང་ རྒྱལ་ཡོངས་དུས་ཆེན་ཐེངས་ ༡༡༣ པའི་རེན་འབེལ་བརི་སྲུང་སྐབས་ ར་ཁིམས་ཆེན་མོའི་དགོངས་དོན་ལས་འཁྲུངས་པའི་མངའ་དབང་ལྟར་ ང་བཅས་རའི་ཤེས་རིག་ལམ་ལུགས་འདི་ བསར་གསོ་དང་ལེགས་འགྱུར་གི་ཕྱག་ལཱ་འགོ་བཙུགས་ནིའི་དོན་ལུ་ ཤེས་རིག་གསར་འགྱུར་ལྷན་ཚོགས་གཞི་བཙུགས་མཚད་མི་དེ་ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ཀི་ ཆབ་སིད་འཕེལ་ནིའི་ཐབས་བྱུས་ལྡོག་གྱུར་མེདཔ་ ཁག་ཆེ་ཤོས་རང་ ཤེས་རིག་ཨིནམ་ཡིད་ཆེ་ཡོདཔ་དང་ལྷན་ཚོགས་ཀིས་ མ་འོངས་མངོན་གཟིགས་ཀི་ཤེས་རིག་སིད་བྱུས་དང་ལམ་སོན་གཞུང་ཞབས་ལུ་ཕུལ་དགོ་པའི་བཀའ་ཐམ། ཞེས་རང་ལུགས་རབ་བྱུང་བཅུ་བདུན་པའི་ལགས་ཕོ་ཁྱི་ལོ་ ཟླ་ ༡༡ པའི་ཚེས་ ༣ ལུའམ་ སི་ལོ་ ༢༠༢༠ ཟླ་ ༡༢ པའི་ཚེས་ ༡༧ ལུ་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བང་ལས་གནང་བ་དགེ།

འབྲུག་མངའ་བདག་རྒྱལ་པོ།

907
Please follow and like us: